Skip to main content

my linked In

http://www.linkedin.com/pub/kuenga-phuntsho/49/5b6/396



Comments

Popular posts from this blog

སྤྲང་པོ་རང་གི་སྐྱོ་རྩོམ།།

མི་ཚེ་རྨི་ལམ་བཟུམ་ནང་།། བདེ་བའི་རང་དབང་མིན་འདུག། ཟ་བའི་ལྟོ་གི་དོན་ལས།། འུ་སྡུག་འཁོར་བ་འཁྱམ་དོ།། སྐྱེ་བ་མི་དང་མཉམ་རུང་།། བསོད་ནམ་རང་ལུ་མིན་འདུག། འཁོར་བའི་སྡུག་བསྔལ་ངང་ལུ།། མི་ཚེ་རིམ་གྱི་རྫོགས་དོ།། ཆུང་ཚེ་ཕ་མ་གསོ་བ།། སྦོམ་ཚེ་མི་གཡུལ་ཁྱམས་སྟེ།། མཉམ་དུ་སྡོད་ཐབས་མེདཔ་ལས།། དྲིན་ལན་རང་གི་མ་འབྱོར།། བྱམས་རྩེ་གཉེན་གྲོགས་ཡོད་ཀྱང་།། ཕྱི་མ་ཕན་ཐབས་མིན་འདུག། བུ་གཞི་རྒྱ་སྟོང་ཡོད་ཀྱང་།། འཁོར་བའི་ཟུང་ཐག་ཨིན་མས།། གསེར་ལས་དཀོན་པའི་མི་ལུས།། མི་ཚེ་ཆུད་ཟས་འགྱོ་དོ།། དམ་ཆོས་རང་གི་མ་ཐོབ།། སྐྱབས་མཛད་རྩ་བའི་བླ་མ།། ལུས་སེམས་གཙང་བའི་སྒོ་ལས།། བླ་མའི་གདམ་ངག་ཞུ་སྟེ།། བདག་ཞན་ཀུན་ལུ་ཕན་པའི།། དམ་ཆོས་རང་གི་བསྒྲུབ་གེ། ཤ་དང་ཁྲག་ལས་གྲུབ་པའི།། འདུ་བྱེད་གཟུགས་ཀྱི་ཕུང་པོ།། དཀའ་བ་ཉིན་ཚན་སྤྱད་དེ་།། དབེན་པའི་རི་ཁྲོད་གྲིམ་དགོས།། རྒྱུ་ནོར་བང་མཛོད་ཡོད་ཀྱང་།། ང་ལ་དགོས་པ་མིན་འདུག། ཕྱི་མ་ཕན་པའི་དམ་ཆོས།། སྨོན་ལམ་ལན་གསུམ་བཏབ་གེ།